༢༠༢༡མི་ངན་སྲིད་སྐྱོང་སྐལ་རྡོར།

དབུ་དཀར་ཚང་སྐལ་རྡོར་ནས་ཡོང་འགྱུར་༢༠༢༡ལོའི་སྲིད་སྐྱོང་གི་ཞབས་འཀྱག་ལ་འཚང་ཁ་ཤིག་ཤིག་བྱ་དགོས་དོན་དང་ཁོང་ལ་རྒྱབ་སྐྱོར་བྱེད་མི་རུང་བའི་དོན་ཚན་ཁ་ཤས་ཕྱི་གསལ་ནང་གསལ་ཡོད་པ་འགའ་ཞུས་ན།༸གོང་ས་མཆོག་དགོངས་པ་འཁྲུག་འཇུག་ཡག་དང་།བོད་མི་དམངས་མགོ་སྐོར་གཏོང་རྒྱུའི་འཆར་གཞི་ཡིན་པ་ངེས་བརྟན་རེད།  དང་པོ་དེ་ལ།  ཨ་རིའི་བོད་ཁང་ནང་བོད་མིའི་ལྟ་བའི་མིག་དང་ཁོག་པའི་སྙིང་བླ་ན་འཆིས་བ་༸གོང་ས་མཆོག་འཛམ་གླིང་གང་ས་ནས་གུས་རྩི་ཐོབ་མཁན་མགོན་པོ་གང་གི་སྐུ་པར་མརཕབ།  སྲིད་སྐྱོང་གི་འདྲ་པར་ཡར་བཞག་སྟེ་༸གོང་ས་མཆོག་ལས་ལྷག་པ་སྲིད་སྐྱོང་ཡིན་ཁུལ་གྱི་ཉེས་སྨིག་དང་།༸གོང་ས་མཆོག་ཨ་རིར་ཞབས་སོར་འཁོད་སྐབས་བོད་ཀྱི་དོན་གཅོད་གྱི་ལས་འགན་ཚད་ལྡན་མེད་སྟབས་འདྲེ་དོལ་རྒྱལ་ཚོགས་པའི་མི་ཁ་ཤས་ཞིག་ལ་༸གོང་ས་མཆོག་ལ་མཇལ་ཁ་གནང་ཁུལ་གྱིས་གོ་སྐབས་སྤྲད་དེ་མགོན་པོ་མཆོག་ལ་མཚན་སྨད་ཞུས་བའི་གནས་ཚུལ་དང་།  དེ་བཞིན་དེ་སྔ་༸གོང་ས་མཆོག་ལ་མཚན་སྨད་ཞུས་མཁན་ཨོ་རྒྱན་སྟོབས་རྒྱལ་དང་ཁྱིམ་ཚང་འཆམ་མཐུན་དང་འབྲེལ་བ་ཆེན་པོ་ཡོད་པའི་གནས་ཚུལ།  ཨ་རིའི་དོན་གཅོད་ཡིན་སྐབས་ཨ་སྒོར་ས་ཡ་གཅིག་དང་འབུམ་ལྔ་ཧམ་བཟས་བྱས་པས།   བོད་གཞུང་གི་རྩིས་ཁྲ་ནས་ནག་སུབ་བཏང་བ་དང་།  ༢༠༢༡ལིའི་སྲིད་སྐྱོང་ཐོབ་རྒྱུར་ཐབས་ཇུས་མང་པོ་བསྟན་ནས་བོད་མི་དམངས་མགོ་སྐོར་གྱིས་༸གོང་ས་མཆོག་ལོ་ཁ་ཤས་ནང་བོད་ལ་གདན་འདྲེན་ཞུ་རྒྱུ་ཡིན་ཟེར་བ་སོགས་ད་བར་བོད་གཞུང་དང་བོད་རྒྱ་གྲོས་མོལ་སྐུ་ཚབ་ཁག་གིས་གནང་མ་ཐུབ་པ་ཅིག་སྐལ་རྡོར་གྱིས་བྱེད་ཀྱི་ཡིན་ཟེར་ན།  ཉིན་མོའི་གུང་གི་རྨི་ལམ་དང་སྐད་ཆ་སྟོང་བཤད་ཚིག་སྐམ་ཞིག་རེད་ལ།  གཡོ་ཅན་སྙན་པར་སྨྲ་བ་ནི་རང་དོན་ཡིན་ཕྱིར་གུས་ཕྱིར་མིན་ཟེར་བ་ལྟར་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་བལྟ་བ་ལངས་ཕྱོགས་སོགས་ཀྱི་ཉམས་མྱོང་ཕྲན་བུ་ཙམ་ལས་མེད་པ་དང་།  གཙོ་དོན་༸གོང་ས་མཆོག་གི་སྐུ་ཕྱྭར་བློ་ཚབ་དང་གུས་རྩི་ཕར་བཞག།  ཉེན་ཁ་བཟོ་མཁན་གྱི་མི་ངན་དེ་ལྟ་བུ་སྲིད་སྐྱོང་གི་ལས་འགན་ཕར་བཞག།  སྦྱི་ཚོགས་ནས་རྒྱང་ཕུད་གཏོང་རྒྱུ་ལས་ལྷག་མེད།  སོང་ཙང་མི་ངན་ཁོང་ལ་རྒྱབ་སྐྱོར་མ་གནང་པར་མི་བཟང་བོད་དོན་བདེན་མཐའ་སེལ་མཁན་དང་༸གོང་ས་མཆོག་ལ་གུས་རྩི་ཞུས་མཁན་ཞིག་ལ་རྒྱབ་སྐྱོར་གནང་དགོས།  བོད་རྒྱལ་ལོ།